July 20, 2025
Commemorating the 620th Parinirvana of Terchen Dorje Lingpa
According to the revered oral teachings:
“Even a single gaze brings awareness and respect. However one connects, the protector appears like a Buddha. Through heartfelt prayer, the path beyond suffering is revealed—by the teacher’s great compassion.”
Today we honor the 620th anniversary of the parinirvana of the great tertön, Terchen Orgyen Dorje Lingpa—an emanation of Guru Rinpoche, who revealed profound hidden teachings (terma) from the age of 13 and guided beings for 60 years.
Though such enlightened masters may seem to depart, in truth they remain inseparable from ultimate reality. For those with faith, their presence is timeless.
On this sacred day, we gather with devotion to offer prayers and in loving remembrance, acknowledging Terchen Dorje Lingpa as a living source of refuge. Through sincere offerings and collective aspiration, we commit to keeping his enlightened activity alive.
May all who remember this day with faith fulfill the true intention of the master.
May the blessings of Terchen Dorje Lingpa continue to awaken beings across generations.
May our prayers uphold the legacy of this profound treasure revealer - Terchen Dorje Lingpa.
Dorje Lingpa Foundation Dued Pung Zilnoen Ling Zhirim Shedra
#DorjeLingpa620 #Parinirvana #TreasureRevealer #GuruRinpoche #Terma #SacredLineage #dorling
དེ་ཡང་བཀའ་གདམས་ལས་ གང་ནས་བལྟས་ཀྱང་ཤེས་པ་བག་མ་ཕེབས།།ཇི་ལྟར་བྱས་ཀྱང་མགོན་པོ་གཤེགས་གཤེགས་འདྲ།།ཉིན་དང་མཚན་དུ་གསོལ་བ་བཏབ་གྱུར་ཀྱང་།།གདུལ་བྱའི་དབང་གིས་མྱ་ངན་འདས་ཚུལ་བསྟན།།ཞེས་གསུངས་པ་ལྟར། ངེས་པའི་དོན་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་གསང་གསུམ་འདུ་བྲལ་གཤེགས་བཞུད་ཀྱི་མཚན་མ་བྲལ་རུང། དྲང་དོན་ཐ་མལ་གདུལ་བྱའི་སྣང་ངོར་གང་འཚམས་གཟུགས་སྐུ་རགས་པ་བེམ་ཆོས་རིང་བསྲེལ་གྱི་སྙིང་པོ་ཅན་ཙམ་ལས། ཐུན་སྣང་མཇལ་ནིའི་སྐལ་བས་མེད་པ་དག་གིས་མཚན་བརྗོད་པར་དཀའ་བ་གཏེར་ཆེན་བླ་མ་ཨུ་རྒྱན་གུ་རུའི་རྒྱལ་ཚབ་ཨོ་རྒྱན་རྡོ་རྗེ་གླིང་པ་མཆོག་དགུང་ལོ་ ༡༣ ལས་ཆོས་ནོར་གྱི་གཏེར་ཁ་གདན་དྲངས་ཏེ་དགུང་ལོ་ ༦༠ བཞེས་པའི་ཟླ་ ༥ པའི་ཚེས་ ༢༥ མར་ངོའི་ཚེས་བཅུ་ལུ་ཞིང་འདིར་རེ་ཞིག་སྐུ་མྱ་ངན་ལས་འདས་པའི་དུས་ཆོས་ཡིད་ལ་བཟུང་སྟེ། ༸སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མོས་པས་མཆོད་པ་རྒྱ་ཆེར་བཤམས་ཐོག་རྗེས་དྲན་གདུང་ཤུགས་ཀྱི་ངོ་བོར་མོས་པས་མཆོད་པ་རྒྱ་ཆེར་བཤམས་ཐོག་རྗེས་དྲན་གདུང་ཤུགས་བཟོད་མེད་ཀྱིས་གསོལ་བ་རྩེ་གཅིག་ཏུ་འདེབས་དགོས་པའི་རྒྱུ་མཚན་ཡང་། ཇི་སྐད་དུ་དུས་འཁོར་རྩ་རྒྱུད་དུམ་བུ་བླ་མའི་ཡོན་ཏན་བཟུང་བ་ལས། དེ་བཞིན་མོས་གུས་ལྡན་པའི་སློབ་མ་ཡིས། །བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག།། ངེས་པར་བཟུང་སྟེ་མཆོད་པ་བྱས་འགྱུར་ན། །ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་འགྱུར། །ཞེས་གསུངས་དོ་བཟུམ། གཏེར་ཆེན་བླ་མ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་མི་ལོ་བགྲང་བྱ་ ༦༢༠ འཁོར་བའི་སྐུ་མཆོད་ཀྱི་སྐབས་སུ། དཔལ་ལྡན་བླ་མ་དམ་པའི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ཕྱིར་གཏེར་ཆེན་བླ་མ་རང་གི་ཟབ་ཆོས་བླ་མ་བཀའ་འདུས་ཀྱི་ཞིང་མཆོག་དགྱེས་བསྐྱེད་ཀྱི་ཀུན་བཟང་མཆོད་པའི་སྤྲིན་ཕུང་རྒྱ་ཆེར་སྤྲོ་བ་དང་བཤགས་པ་འཁྲུངས་རབས་གསོལ་འདེབས་གདུང་ཤུགས་དྲག་པོས་ཚེ་རབས་ཐམས་ཅད་དུ་འབྲལ་མེད་རྗེས་སུ་བཟུང་བའི་ཐུགས་རྗེའི་བྱིན་རླབས་ཀྱི་ནུས་པ་བཟད་མི་ཤེས་པར་བྱིན་པར་ཉམས་སུ་མྱོང་བའི་མཚམས་སྦྱོར་ལ་སྐད་ཅིག་ཀྱང་ལྷོད་པ་མེད་པར་འཇུག་པའི་ཆེད་དུ་མཐོ་རིམ་བཤད་གྲྭའི་མཁན་སློབ་དང་འདུས་དམང་ཡོངས་ཀྱིས་སྐུ་མཆོད་ཀྱི་མཆོད་འབུལ་རྒྱས་པར་འབུལ་ཡོད།