April 30, 2025
Today, His Eminence Busa Trulku Rinpoche visited Pema Shedrup Dargye Khandroling Nunnery/Shedra, Dangchu, appointing Lopen Thinley Dorji, the first batch of graduate from Busa Wangdue Gonpa, as the new Principal of the nunnery.
Additionally, Rinpoche designated Lopenma Sonam Choki as the Treasurer and Lopenma Tshewang Laden to the position of དགེ་སྐོས་གོངམ།, a monastic administrative title responsible for overseeing monastic property.
The day concluded with Rinpoche bestowing the Tashi Lekdhar upon them and imparting his precious words of wisdom to all present.
We extend our best wishes to the newly appointed Lopen and Lopenmas as they undertake their responsibilities and endeavour to spread the Dharma.
Tashi Delek !
༈ ད་རེས་རབ་གནས་ཤིང་སྦྲུལ་ཟླ་གསུམ་པའི་ཚེས་ ༣ ལུ་དྭངས་ཆུ་རྡོར་གླིང་བཙུན་དགོན་པདྨ་བཤད་སྒྲུབ་དར་རྒྱས་མཁའ་འགྲོ་གླིང་ལུ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་ ༧ བུ་ས་སྤྲུལ་སྐུ་གདན་རབས་ ༡༡ པ་མཁན་སྤྲུལ་བསོད་ནམས་རྒྱལ་མཚན་རིན་པོ་ཆེ་མཆོག་ཆིབས་བསྐྱོད་གནང་སྟེ་བཙུན་དགོན་གྱི་སློབ་དཔོན་དང་སློབ་དཔོན་མ་དབྱིན་ཇི་སློབ་དཔོན་ཡོངས་འཛོམས་ཐོག་གྲོས་བསྟུན་མོས་མཐུན་གྱི་ཐོག་རིན་པོ་ཆེ་མཆོག་གིས་སྤྱི་ལོ་ ༢༠༢༡ ལུ་རྡོར་གླིང་མཐོ་རིམ་བཤད་གྲྭ་ལས་འཛིན་རིམ་དགུ་པ་ཐེངས་དང་པོ་མཐར་སོན་མི་སློབ་དཔོན་འཕྲིན་ལས་རྡོ་རྗེ་དེ་བཙུན་དགོན་བཤད་གྲྭའི་དབུ་འཛིན་གཉིས་པའམ་གསར་པའི་བཀྲ་ཤིས་ལེགས་དར་གནང་ཡོདཔ་དང་། དེ་བཟུམ་སྦེ་སློབ་དཔོན་མ་བསོད་ནམས་ཆོས་སྐྱིད་དེ་དངུལ་གཉེར་གྱི་བཀྲ་ཤིས་ལེགས་དར་དང་སློབ་དཔོན་མ་ཚེ་དབང་ལྷ་སྒྲོན་དེ་དགེ་སྐོས་གོང་མའི་བཀྲ་ཤིས་ལེགས་དར་གནང་སྟེ་རིན་པོ་ཆེ་མཆོག་གིས་བཙུན་མ་ཡོངས་ལུ་འདི་ཕྱི་གཉིས་ལུ་ཕན་པའི་བཀའ་སློབ་གསེར་གྱི་ཐིགས་པ་ཚུ་གནང་ཡོད།
དབུ་འཛིན་དང་དངུལ་གཉེར་དགེ་སྐོས་གོང་མའི་ཕྱག་འགན་བཞེས་མི་སློབ་དཔོན་དང་སློབ་དཔོན་མ་རྣམ་པ་ལུ་བཀྲ་ཤིས་བདེ་ལེགས་ཞུ་ནི་དང་བསྟན་པ་སྤྱི་དང་རྡོར་གླིང་ཡབ་སྲས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པ་ལུ་བར་ཆད་མེད་པའི་བཀྲ་ཤིས་སྨོན་འདུན་ཞུ།