ད་ལོའི་ ཟླ་བ་ཕྱེད་དང་གཉིས་ཙམ་གྱི་རིང་ཡུ་ཀྲེན་ (Ukraine) དང་ཨུ་རུ་སུ་ (Russia)གཉིས་ཀྱི་བར་ན་ ལས་ངན་ཕྲག་དོག་མཚོ་ཆེན་བརྡོལ་བ་ལས་ དམག་འཁྲུག་གི་སྡུག་བསྔལ་དྲག་པོས་མནར་བའི་དུས་ལ་འབབ་པ་ ཀུན་གྱི་ཐུགས་ལ་མངའ་བ་ལགས་པས། ད་ནི་ འཕྲལ་དང་མྱུར་དུ་ཞེ་སྡང་མེ་ལྟར་འབར་བའི་དམག་འཁྲུག་ལས་བཟློག་སྟེ་ སྔར་བཞིན་བྱམས་བརྩེ་བདུད་རྩི་ཆར་བཞིན་བབས་ཏེ་དགའ་དང་སྐྱིད་པའི་དཔལ་ལ་རོལ་པའི་ཐབས་སུ་ དབང་དགོན་བཤད་གྲྭ་དང་ཡན་ལག་ཁག་རྣམས་པས་ མར་མེ་སྟོང་མཆོད་དང་བར་བསམ་སྒྲོལ་གསུམ་བསགས་གནང་ཡོད།
Many of the innocent people in Ukraine lost their lives and home during Russia attacked on February 24, 2022. Today the war between Russia and Ukraine entered its 41 days resulting in destruction and death in Ukraine. His Eminence, the Busa Trulku Rinpoche, Khenpo, Lopens and monks of Busa Wangoen Thorim Shedra and all the Lobdra, Dratshang and Shedra under Dorje Lingpa Foundation has offered thousands of butter lamps and offer prayers and recitation on BarSam Doesum for the wellbeing of the people in Ukraine. And also to offer humble condolences to those innocent souls which have been lost during the war and to restore the peace and security in Ukraine.
Leave a Reply